བདེ་བྱེད་མའི་དཔྱིད་ཆོས་སྐབས་བདུན་པའི་གསུང་ཆོས་མཛད་རིམ། : རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་རྣམ་ཐར།

༧རྒྱལ་དབང་བཅུ་བདུན་པ་ཆེན་པོ་དབུ་བཞུགས་ཐོག་༧སྐྱབས་རྗེ་སྒྲུབ་དཔོན་བདེ་ཆེན་དབུས་བཙུན་དགོན་ཁག་གི་མཁན་སློབ་རྣམ་པ་ལྷན་རྒྱས་ཐོག་བསྐྱར་དུ་གྲོས་མོལ་གནང་དོན་ལ། ཁ་སྔོན་འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བདུན་པ་དེ་སྤྱི་ལོ་ 2023 ཟླ་ 3 ཚེས་ 6 ནས་ཟླ་ 3 ཚེས་ 30 བར་འཚོག་རྒྱུ་ཡིན་པ་ལ། ད་ཆ་ཟླ་ 4 ཚེས་ 8 བར་དུས་ཡུན་རིང་དུ་གཏོང་རྒྱུ་ཐག་ཆོད་བྱུང་ཞིང་།

སྐབས་དེར་༧རྒྱལ་དབང་མཆོག་ནས་རྗེ་བརྒྱད་པའི་རྣམ་ཐར་གྱི་གསུང་ཆོས་ཟླ་ 3 ཚེས་ 14 ནས་ཟླ་ 4 ཚེས་ 8 བར་ཉིན་བཅུ་གཉིས་རིང་གནང་རྒྱུའི་མཛད་རིམ་ཟུར་དུ་ཕུལ་ཡོད་པས་དེར་གཟིགས་པ་ཞུ།

དེ་མིན་གྱི་མཛད་རིམ་གཞན་ཡང་ཚེས་ 6 ཉིན་གྱི་སྔ་དྲོར་བསྟན་པ་རྒྱས་ཆོག་དང་། ཕྱི་དྲོར་རྗེ་མི་ལའི་འདས་མཆོད། ཚེས་ 7 ཉིན་གྱི་སྔ་དྲོར་རྩ་གསུམ་དྲིལ་སྒྲུབ་ཀྱི་བརྟན་བཞུགས་འབུལ་རྒྱུ་དང་། ཕྱི་དྲོར་རྗེ་མར་པའི་འདས་མཆོད་འཚོག་རྒྱུ། ཚེས་ 8 ཉིན་གྱི་སྔ་དྲོར་བཞུགས་གྲལ་ཆེན་མོ་དང་། ཕྱི་དྲོར་སངྒ་རཱ་མའི་གསོལ་མཆོད་མཛད་རྒྱུ། ཟླ་ 3 ཚེས་ 17 ཉིན་གཅོད་ཚོགས་ཡོན་ཏན་ཀུན་འབྱུང་དང་། ཟླ་ 3 ཚེས་ 29 ནས་ 30 བར་སྒྲོལ་མ་ལྷ་ལྔ་དང་། ཚེ་རིང་མའི་སྒྲུབ་མཆོད། ཟླ་ 4 ཚེས་ 5 ནས་ 7 བར་ཀུན་རིག་གི་སྒྲུབ་མཆོད་འཚོག་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ།

བདེ་བྱེད་མའི་དཔྱིད་ཆོས་གྲ་སྒྲིག་ཚོགས་ཆུང་ནས་ཕུལ།
Image
Image
Image
Image
© 2020-2024 Dharma Treasure. All Rights Reserved.